当前位置: 首页 > 诉讼指南 > 执行须知
关于敦促被执行人主动履行义务依法打击规避和抗拒执行人员的通告
关于敦促被执行人主动履行义务依法打击规避和抗拒执行人员的通告
  发布时间:2018-08-17 09:41:28 打印 字号: | |

关于敦促被执行人主动履行义务依法打击规避和抗拒执行人员的通告 人民法院的生效裁判是国家意志的体现,具有国家强制力,当事人必须履行。被执行人不履行生效裁判,损害了法律尊严和司法权威,破坏了法律保护的社会秩序,必将受到法律制裁。为依法打击规避执行、抗拒执行行为,保护当事人合法权益,提升司法公信力,切实解决“执行难”问题,青海省高级人民法院、青海省人民检察院、青海省公安厅现敦促各被执行人依法主动履行人民法院生效裁判确定的义务,特发布本通告: 一、即日起,全省各级法院、检察院、公安机关将根据《中华人民共和国刑法》《中华人民共和国刑事诉讼法》、最高人民法院《关于审理拒不执行判决、裁定刑事案件适用法律若干问题的解释》等法律和司法解释规定,开展集中打击拒执违法犯罪行为专项集中行动。 二、即日起,凡负有履行人民法院生效裁判确定义务的被执行人,应当在2018年6月8日前主动到人民法院如实申报财产,依法履行义务,接受、配合人民法院执行工作,不得规避、妨碍、抗拒执行。逾期未履行并具有拒绝申报财产、虚假申报财产,隐匿、转移、毁损、非法处置查封财产、人为设置障碍等妨害执行情节的,将视情节采取纳入失信被执行人名单、限制高消费、限制出入境、罚款、拘留等制裁措施;情节严重构成犯罪的,依法追究刑事责任。 三、对规避执行、抗拒执行致债权人遭受重大损失,或以暴力、威胁方法阻碍执行,聚众哄闹、冲击执行现场等违法犯罪行为,公安机关将以拒不执行人民法院判决、裁定罪或妨害公务罪立案侦查;检察机关审查后依法提起公诉,人民法院将依法判处刑罚,严肃追究被执行人或相关责任人的刑事责任。 四、对规避执行、逃避执行的被执行人,人民法院将会依法采取网络查控、住所搜查、强制审计等执行措施;对规避执行、逃避执行情节严重,涉嫌犯罪的嫌疑人,人民法院将会同公安机关以及有关部门依法采取住所搜查、联合惩戒、上网追逃等措施。 五、申请执行人应积极提供被执行人财产线索,并充分行使最高人民法院《关于审理拒不执行判决、裁定刑事案件适用法律若干问题的解释》赋予的提起刑事自诉的权利,最大限度的保护自身利益。 六、鼓励广大群众积极举报规避和抗拒执行人员线索、财产线索等相关信息。接受举报的机关对举报人的个人信息予以严格保密。 在此严厉敦促:所有应当履行生效法律文书确定义务而未履行或未完全履行的被执行人,应主动向债权人或者自觉到执行法院主动履行生效法律文书确定的义务。否则,将被依法追究法律责任。 特此通告。 2018年5月9日 青海省高级人民法院执行指挥中心举报电话:0971-6165333 青海省人民法院诉讼服务热线电话:0971-12368 ལག་བསྟར་བྱ་ཡུལ་གྱིས་རང་འགུལ་ངང་འོས་འགན་ལག་བསྟར་བྱེད་པར་བསྐུལ་བ་དང་། ལག་བསྟར་བྱེད་མཁན་ལ་གཡོལ་བ་དང་ངོ་རྒོལ་བྱེད་པའི་བྱ་སྤྱོད་ཀྱི་རིགས་ལ་ཁྲིམས་ལྟར་རྡུང་རྡེག་བྱེད་པའི་སྐོར་གྱི་བརྡ་ཐོ། མི་དམངས་ཁྲིམས་ཁང་གི་ནུས་ཆོད་ཁྲིམས་འདུམ་ནི་རྒྱལ་ཁབ་ཀྱི་འདོད་བློའི་མཚོན་ཚུལ་ཞིག་ཡིན་ལ།དེར་རྒྱལ་ཁབ་ཀྱི་བཙན་ཤུགས་རང་བཞིན་ལྡན་པས་དོ་བདག་པས་ངེས་པར་དུ་ལག་བསྟར་བྱེད་དགོས། ལག་བསྟར་བྱ་ཡུལ་གྱིས་ནུས་ཆོད་ཁྲིམས་འདུམ་ལག་བསྟར་མི་བྱེད་པར་ཁྲིམས་ལུགས་ཀྱི་ལ་རྒྱ་དང་ཁྲིམས་འཛིན་གྱི་དབང་གྲགས་ལ་གནོད་པ་བཟོས་ཤིང་།ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པའི་སྤྱི་ཚོགས་སྒྲིག་ལམ་ལ་གནོད་པ་བཟོས་ཚེ་ཁྲིམས་ཆད་ཕོག་ངེས།ལག་བསྟར་བྱེད་པར་གཡོལ་བ་དང་ལག་བསྟར་བྱེད་པར་ངོ་རྒོལ་བྱེད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་བྱེད་པའི་སླད་དུ།དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཏེ་ཁྲིམས་འཛིན་གྱི་སྤྱི་རྟོན་ཤུགས་མཐོར་འདེགས་བྱས་ཤིང་།ལག་བསྟར་དཀའ་བའི་གནད་དོན་དངོས་ནས་ཐག་གཅོད་བྱས་པ་དང་།མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་།མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་ དཔྱོད་ཁང་།མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་བཅས་ཀྱིས་ལག་བསྟར་བྱ་ཡུལ་གྱིས་ཁྲིམས་ལྟར་རང་འགུལ་གྱིས་མི་དམངས་ཁྲིམས་ཁང་གི་ནུས་ཆོད་ཁྲིམས་འདུམ་གཏན་འཁེལ་བྱེད་པའི་འོས་འགན་བསྒྲུབ་པར་བསྐུལ་ ཏེ་ཆེད་དུ་བརྡ་ཐོ་འདི་བསྒྲགས་པ་ཡིན། གཅིག དེ་རིང་ནས་བཟུང་།ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས་བཅས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུག་བཤེར་སྐོར་གྱི་བཅའ་ཁྲིམས》དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི《ལག་བསྟར་དང་ལེན་མི་བྱེད་པའི་ཁྲིམས་གཅོད་དང་ཉེས་དོན་གྱོད་གཞི་ བཀའ་བཅད་གཏོང་བའི་ཞིབ་གཅོད་བྱེད་པར་འཚམ་པའི་བཅའ་ཁྲིམས་ཀྱི་གནད་དོན་དུ་མའི་སྐོར་གྱི་འགྲེལ་བཤད》སོགས་བཅའ་ཁྲིམས་དང་ཁྲིམས་འཛིན་གྱི་འགྲེལ་བའི་གཏན་འབེབས་གཞིར་བཟུང་སྟེ།གཅིག་བསྡུས་ ཀྱིས་ལག་བསྟར་དང་ལེན་མི་བྱེད་པའི་ཁྲིམས་འགལ་ཉེས་ཅན་གྱི་བྱ་སྤྱོད་ཀྱི་རིགས་ལ་རྡུང་རྡེག་བྱེད་པའི་ཆེད་དམིགས་བྱ་འགུལ་སྤེལ་རྒྱུ་ཡིན། གཉིས། དེ་རིང་ནས་བཟུང་།མི་དམངས་ཁྲིམས་ཁང་གི་ནུས་ཆོད་ཁྲིམས་འདུམ་གཏན་འཁེལ་བྱེད་པའི་འོས་འགན་སྒྲུབ་པའི་ལག་བསྟར་བྱ་ཡུལ་ཞིག་ཡིན་ཚེ།སྤྱི་ལོ2018ལོའི་ཟླ6ཚེས8ཉིན་གྱི་སྔོན་དུ་རང་འགུལ་ གྱིས་མི་དམངས་ཁྲིམས་ཁང་ལ་རྒྱུ་ནོར་གྱི་གནས་ཚུལ་སྙན་ཞུ་བྱེད་པ་དང་།ཁྲིམས་ལྟར་འོས་འགན་བསྒྲུབ་པ།མི་དམངས་ཁྲིམས་ཁང་གི་བྱ་བར་རམ་འདེགས་དང་དང་ལེན་བྱེད་པ་ལས་ལག་བསྟར་བྱེད་པར་གཡོལ་བ་དང་། འགལ་རྐྱེན་བཟོ་བ། ངོ་རྒོལ་བཅས་བྱེད་མི་རུང་།འགོར་འགྱངས་བྱས་ཏེ་ལག་བསྟར་མི་བྱེད་པ་མ་ཟད་རྒྱུ་ནོར་གྱི་གནས་ཚུལ་ཡར་ཞུ་མི་བྱེད་པ་དང་རྒྱུ་ནོར་ཡར་ཞུའི་གནས་ཚུལ་རྫུན་མ་ཡིན་པ།སྦ་གསང་བྱེད་པ་དང་། སྤོ་བསྒྱུར་བྱེད་པ། མེད་བརླག་ཏུ་གཏོང་བ།ཁྲིམས་དང་མི་མཐུན་པའི་ཐག་གཅོད་བྱས་ཏེ་རྒྱུ་ནོར་ལ་སྒོ་ཐེམ་རྒྱག་པ་དང་།མིའི་འགལ་རྐྱེན་བཟོས་པ་སོགས་ལག་བསྟར་བྱེད་པར་གནོད་འཚེ་བཏང་བའི་བྱ་སྤྱོད་ཀྱི་རིགས། ཡིད་རྟོན་ཤོར་བའི་ལག་བསྟར་བྱ་ཡུལ་གྱི་མིང་ཐོའི་ནང་འགོད་པ་དང་།ཚད་མཐོ་བའི་འཛད་སྤྱོད་ལ་ཚོད་འཛིན་དང་།རྒྱལ་ཁབ་ཕྱི་ནང་དུ་འགྲོ་འོང་བྱེད་པར་ཚོད་འཛིན་པ། དངུལ་ཆད་གཅོད་པ།བཀག་ཉར་སོགས་ཀྱི་བཀག་སྡོམ་བྱེད་ཐབས་སྤྱོད་པ་དང་། གནས་ཚུལ་ཚབས་ཆེན་བྱུང་ནས་ཉེས་ཚད་ལོན་ན་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱེད་རྒྱུ་ཡིན། གསུམ།ལག་བསྟར་ལ་གཡོལ་བ་དང་ལག་བསྟར་ལ་ངོ་རྒོལ་བྱས་ཏེ་བུན་བདག་ལ་གྱོང་གུན་ཚབས་ཆེན་བཟོས་པ་དང་།ཡང་ན་དྲག་ཤུགས་དང་། འཇིགས་སྐུལ་གྱི་བྱེད་ཐབས་སྤྱད་དེ་ལག་བསྟར་བྱེད་པར་བར་ཆད་བཟོ་བ།མི་མང་འདུས་ནས་ཟིང་ཆ་སློང་བ།ལག་བསྟར་བྱེད་སའི་ཡུལ་དངོས་ལ་རྒོལ་བ་སོགས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ།སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་གི་དཔྱད་མཚམས་ལག་བསྟར་དང་ལེན་མི་བྱེད་པ་དང་།གཞུང་དོན་སྒྲུབ་པར་བཀག་འགོག་བཟོས་པའི་བྱས་ཉེས་སམ་བཀའ་བཅད་གཏོང་བའི་ནག་ཉེས་ཐོ་འགོད་མྱུལ་ཞིབ་བྱ་རྒྱུ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་རྗེས་ཁྲིམས་ལྟར་གཏུག་བཤེར་བྱེད་པར་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཉེས་ཆད་གཅོད་པ་དང་།ལག་བསྟར་བྱ་ཡུལ་གྱི་མིའམ་འབྲེལ་ཡོད་འགན་འཁྲི་མི་སྣའི་ཉེས་ འགན་ལ་བདའ་འདེད་ནན་མོ་བྱེད་རྒྱུ་ཡིན། བཞི། ལག་བསྟར་ལ་གཡོལ་བ་དང་ལག་བསྟར་ལ་གཡོལ་མཁན་གྱི་ལག་བསྟར་བྱ་ཡུལ་གྱི་མི་ལ་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་དྲ་ཐོག་ནས་མྱུལ་ཞིབ་དང་ཚོད་འཛིན་བྱེད་པ་དང་། སྡོད་གནས་སྔོག་ བཤེར། བཙན་གྱིས་རྩིས་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་བཀོལ་བ་དང་།ལག་བསྟར་ལ་གཡོལ་ཞིང་ལག་བསྟར་ལས་གཡོལ་བ་ཚབས་ཆེན་ཡིན་པ་དང་། ཉེས་གསོག་དོགས་ཡོད་ཀྱི་དོགས་ཡོད་ཉེས་ཅན་ལ་མི་དམངས་ ཁྲིམས་ཁང་གིས་སྤྱི་བདེ་ལས་ཁུངས་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཁྲིམས་ལྟར་སྡོད་གནས་སྔོག་བཤེར་དང་།མཉམ་འབྲེལ་སྒོས་ཆད་པ་གཅོད་པ། དྲ་ཐོག་ནས་བདའ་འདེད་བྱེད་པ་སོགས་ཀྱི་བྱེད་ཐབས་ སྤྱོད་རྒྱུ་ཡིན། ལྔ། ལག་བསྟར་བྱེད་མཁན་ལ་རེ་འདུན་ཞུ་མཁན་གྱིས་ཧུར་ཐག་གིས་ལག་བསྟར་བྱ་ཡུལ་གྱི་མིའི་རྒྱུ་ནོར་གྱི་ཁུངས་སྣེ་འདོན་སྤྲོད་བྱེད་དགོས་པ་མ་ཟད།ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས《ལག་བསྟར་དང་ ལེན་མི་བྱེད་པའི་ཁྲིམས་གཅོད་དང་ཉེས་དོན་གྱོད་གཞི་བཀའ་བཅད་གཏོང་བའི་ཞིབ་གཅོད་བྱེད་པར་འཚམ་པའི་བཅའ་ཁྲིམས་ཀྱི་གནད་དོན་དུ་མའི་སྐོར་གྱི་འགྲེལ་བཤད》སྤྲད་པའི་ཉེས་དོན་སྒེར་གཏུག་བྱེད་པའི་ དབང་ཆ་ལེགས་པར་སྤྱད་དེ་རང་ཉིད་ཀྱི་ཁེ་ཕན་སྲུང་སྐྱོང་གང་ཐུབ་བྱེད་དགོས། དྲུག རྒྱ་ཆེའི་མང་ཚོགས་ཀྱིས་ཧུར་ཐག་གིས་ལག་བསྟར་བྱེད་མིར་གཡོལ་བ་དང་ངོ་རྒོལ་བྱེད་པའི་མིའི་ཁུངས་སྣེ་དང་།རྒྱུ་ནོར་གྱི་ཁུངས་སྣེ་སོགས་འབྲེལ་ཡོད་ཆ་འཕྲིན་ཐེར་འདོན་གོང་ཞུ་བྱེད་པའི་བྱ་སྤྱོད་ལ་སྐུལ་ སློང་བྱེད་དགོས། ཐེར་འདོན་གོང་ཞུ་དང་ལེན་བྱེད་མཁན་ལས་ཁུངས་ཀྱིས་གཏུག་བཤེར་བྱེད་མཁན་མི་སྒེར་གྱི་ཆ་འཕྲིན་གསང་སྲུང་ནན་མོ་བྱེད་དགོས། འདིར་ནན་བསྐུལ་བྱ་རྒྱུ་ཞིག་ལ།གནད་དོན་ཐག་གཅོད་བྱ་རྒྱུར་ནུས་པ་ཐོན་པའི་བཅའ་ཁྲིམས་ཀྱི་ཡིག་རིགས་ཡོད་ཚད་བསྒྲུབ་དགོས་པ་མ་བསྒྲུབས་པའམ་ཡོངས་སུ་ལག་བསྟར་མ་བྱས་པའི་ལག་བསྟར་བྱ་ཡུལ་གྱི་ མིས་རང་རྟོགས་ཀྱིས་བུན་བདག་གམ་ལག་བསྟར་ཁྲིམས་ཁང་གིས་རང་འགུལ་གྱིས་ལག་བསྟར་ནུས་པ་ཐོན་པའི་བཅའ་ཁྲིམས་ཀྱི་ཡིག་རིགས་ལས་གཏན་ཁེལ་བྱས་པའི་འོས་འགན་བསྒྲུབ་དགོས།དེ་ལྟར་མ་བསྒྲུབས་ཚེ་ཁྲིམས ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་བྱེད་ངེས། གོང་གི་གནས་ཚུལ་འདི་དག་ལ་དམིགས་ཏེ་བརྡ་ཐོ་འདི་བསྒྲགས་པ་ཡིན། 2018ལོའི་ཟླ 5 ཚེས9 ཉིན། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལག་བསྟར་བཀོད་འདོམས་ལྟེ་གནས་ཀྱི་ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས0971-6165333 མཚོ་སྔོན་ཞིང་ཆེན་མི་དམངས་ཁྲིམས་ཁང་གི་གཏུག་བཤེར་ཞབས་ཞུའི་ཐད་སྦྲེལ་ཁ་པར0971-123681

责任编辑:执行局